Dharma Mom

Tibetan Sentences from Heart of Tibetan Language

1ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།I thank you.
2ཐུགས་རྗེ་ཆེ། བཀའ་དྲིན་ཆེ།Thank you, so kind of you!
3ཨོ། དགོངས་དག ལམ་ཀ་གཏང་རོགས་གནང་།Oh, I’m sorry, please let me pass!
4རྒྱ་གར་ལ་ཕྱག་ཕེབས་གནང་བྱུང་།Welcome to India!
5གྲོགས་པོ་ལགས། བཀྲ་ཤིས་བདེ་ལེགས།Hello, (dear) friend!
6རྒན་ལགས། སྔ་དྲོ་བདེ་ལེགས།Good morning, (dear) teacher!
7སྐུ་གཞོགས་ལགས། ཞོགས་པ་བདེ་ལེགས།Good morning, (dear) sir!
8ཨ་ཅག་ལགས། ཉིན་གུང་བདེ་ལེགས།Good afternoon, (dear) sister!
9དགོང་དྲོ་བདེ་ལེགས། རྨོ་ལགས།Good evening, (dear) grandmother!
10སྐུ་གཞོགས་ལགས། གཟིམ་འཇགས་གནང་གོ།Good night, respected sir!
11བཞུགས་གདན་འཇགས་གོ། སང་ཉིན་མཇལ་ཡོང་།Goodbye! (HH) See you tomorrow! (H)
12ག་ལེར་བཞུགས་རོགས་གནང་། རྗེས་ལ་མཇལ་ཡོང་།Goodbye, see you later! (H)
13བཀྲ་ཤིས་བདེ་ལེགས། ག་པར་ཕེབས་གHi, where are you going? (H)
14ཝེ་གྲོགས་པོ། ག་པར་འགྲོ་གHey, my friend, where are you going?
15བློ་བཟང་། ག་པར།Lobsang, what’s up?
16རིན་པོ་ཆེ། བཞུགས་གདན་འཇགས་གོ།Good bye, Rinpoche! (H)
17སྐུ་གཞོགས་ལགས། ག་ལེར་ཕེབས་རོགས་གནང་།
རྗེས་མ་མཇལ་ཡོང་།
Goodbye, dear respected sir, see you next time!
18རྒན་ལགས། ག་ལེར་བཞུགས་རོགས་གནང་།
སང་ཉིན་འཛིན་གྲྭ་ལ་མཇལ་ཡོང་།
Goodbye professor, see you tomorrow in class! (H)
19ག་ལེར་ཕེབས། ལམ་ཀ་ལ་ཅག་པོ་བྱེད།Bye, be careful on your way!
20ག་ལེར་བཞུགས། སང་ཉིན་མཇལ་ཡོང་།Bye, I will see you tomorrow!
21ང་འགྲོ་གི་ཡིན་ད། བཞུགས་ཨ།Bye, I’m leaving!
22ཁོང་སྐུ་གཟུགས་ཐང་པོ་ཡོད་རེད།(S)He is healthy (his/her body is healthy).
23ཁོ་གཟུགས་པོ་རིང་པོ་ཡོད་རེད།He is tall.
24ཁྱེད་རང་སྐུ་གཟུགས་བདེ་པོ་ཡིན་པས།How are you? (H)
25དེང་སང་མོ་བདེ་པོ་ཨོ་ཙམ་རེད།These days, she is not bad.
26ཐུགས་ཆེ་གནང་། ང་ཡང་བདེ་པོ་བདེ་རྐྱང་ཡིན།Thank you, I’m also perfectly well.
27ཁ་སང་ཁྲོམ་ལ་ངའི་གྲོགས་མོ་ཐུག་སོང་།Yesterday, I met my friend at the market.
28དེ་རིང་ལམ་ཀ་ལ་ངའི་རྒན་ལགས་མཇལ་སོང་།Today, I met my teacher on the street. (H)
29ཁྱེད་རང་མཇལ་ནས་སེམས་པ་དགའ་བྱུང་།It was my pleasure to meet you! (H)
30ང་བོད་ལ་འགྲོ་མ་མྱོང་།I have never been to Tibet.
31ང་བོད་སྐད་སློབ་སྦྱོང་བྱེད་ཀྱི་ཡོད།I study Tibetan language.
32ཐུགས་རྗེ་ཆེ། བཀའ་དྲིན་ཆེ། གའི་གནང་གི་མ་རེད།Thank you very much, so kind of you! – No worries! (H)
33ངས་སྒོ་བརྒྱབ་ན་འགྲིག་གི་རེད་པས། འགྲིག་གི་རེད།May I close the door? – It’s fine.
34ཐུགས་རྗེ་ཆེ་རྒན་ལགས། ལགས་སོ།Thank you, dear teacher! – All right.
35ཕེབས་ཨ། གཟབ་གཟབ་བྱེད་ཨ།Bye, take care!
36འཛིན་ཁང་ནང་ལ་པར་འདུགThere are pictures in the classroom.
37ང་ལ་པར་ཆས་མེད།I don’t have a camera.
38ངའི་ལུང་པ་བོད་རེད།My land is Tibet.
39ང་སེམས་ཅན་ལ་དགའ་པོ་ཡོད།I like/love animals.
40ང་ཚོའི་སློབ་གྲྭ་ལ་དུད་འགྲོ་མང་པོ་མི་འདུགThere are not many animals at our school.
41འཛིན་ཁང་ནང་ལ་མི་མང་པོ་འདུགThere are plenty of people in the classroom.
42ཁོང་ཚོའི་སློབ་གྲྭ་ལ་ཤིང་སྡོང་མང་པོ་མི་འདུགThere are not many trees at their school.
43གླིང་ག་ལ་མེ་ཏོག་སྙིང་རྗེ་པོ་མང་པོ་འདུགThere are lots of beautiful flowers in the park.
44ང་ཆུ་ལ་དགའ་པོ་ཡོད།I like/love water.
45ངའི་ལུང་པ་ལ་འབབ་ཆུ་ཡོད་མ་རེད།There are no waterfalls in my area.
46ངའི་ལུང་པ་ལ་མཚོ་ཡང་ཡོད་མ་རེད།There is no lakes either in my area.
47ངའི་ལུང་པ་མཚོ་གླིང་མ་རེད།My country is not an island.
48ང་རྒྱ་མཚོ་ལ་དགའ་པོ་ཞེ་དྲག་ཡོད།I really like the sea a lot.
49གླིང་ག་སྐྱིད་པོ་འདུགThe park is nice/pleasant.
50ང་མཆོད་རྟེན་ལ་ཡོད།I am at the stupa.
51བོད་ལ་དགོན་པ་མང་པོ་ཡོད་རེད།There are a lot of monasteries in Tibet.
52ལྷ་ཁང་ལ་སྐུ་འདྲ་ཡོད་རེད།There are statues in the shrine hall/temple.
53དགོན་པ་ལ་སྐུ་འདྲ་ཡོད་རེད།There are statues in the monastery.
54ངའི་ནང་གི་འཁྲིས་ལ་ཚོང་ཁང་གཅིག་ཡོད་རེད།There is one shop/store next to my house.
55མཚོ་པད་མ་ལ་རླུང་རྟ་མང་པོ་ཡོད་རེད།There are lots of wind horses/prayer flags at Rewalsar.
56ཡུལ་ལྗོངས་སྙིང་རྗེ་པོ་འདུགThe scenery is nice/pretty.
57ལྡི་ལི་ལ་འགྲོ་སའི་ལམ་ཀ་ཡག་པོ་མི་འདུགThe road to Delhi is not good.
58ང་ལ་མོ་ཊ་མེད།I do not have a car.
59ས་རཱ་གྲོང་གསེབ་རེད།Sarah is a village.
60ས་རཱ་གྲོང་ཁྱེར་མ་རེད།Sarah is not a city/town.
61བཀྲ་ཤིས་ཀྱི་ལུང་པ་ལ་ཤིང་ནགས་འདུགThere is forest in Tashi’s country.
62འབྲོག་པ་ལ་གུར་ཡོད་རེད།Nomads have tents.
63ཨ་རི་ལ་འབྲོག་པ་མང་པོ་ཡོད་མ་རེད།There are not many nomads in America.
64ང་ཚོའི་སློབ་གྲྭ་ལ་སྤང་ཐང་ཡོད་མ་རེད།There is no meadow at our school.
65བོད་ལ་མཛོ་མང་པོ་ཡོད་རེད།There are a lot of dzo in Tibet.
66གཡག་ཆེན་པོ་ཡོད་རེད།Yaks are big.
67གླིང་སྐོར་ལ་བ་ཕྱུགས་ཁ་ཤས་འདུགThere are some cows at the Lingkor.
68རྒྱ་གར་ལ་ར་མང་པོ་འདུགThere are a lot of goats in India.
69ངས་གཞས་གོ་སོང་།I heard the song.
70ང་སྔོན་པོ་ལ་དགའ་པོ་ཡོད།I like/love blue.
71ཀུ་ཤུ་འདི་དམར་པོ་འདུགThis apple is red.
72སྨྱུ་གུ་འདི་སེར་པོ་རེད།This pen is yellow.
73ཤོག་བུ་འདི་དཀར་པོ་རེད།This sheet/piece of paper is white.
74གློག་ཀླད་འདི་ནག་པོ་རེད།This computer is black.
75ཤིང་སྡོང་འདི་ཚོ་ལྗང་ཁུ་རེད།These trees are green.
76རི་མཐོ་པོ་འདུགThe mountain is high.
77འཛིན་ཁང་འདི་རྙིང་པ་རེད།This classroom is old.
78བུ་མོ་འདི་མཛེས་པོ་འདུགThis girl/lady is pretty.
79ང་ཚོའི་འཛིན་ཁང་རྒྱ་ཆེན་པོ་ཞེ་དྲག་མི་འདུགOur classroom is not very vast.
80བོད་ལ་མཆོད་རྟེན་དང་དགོན་པ་སྐད་གྲགས་ཆེན་པོ་མང་པོ་ཡོད་རེད།There are a lot of famous stupas and monasteries in Tibet.
81སེམས་ཅན་ཆེན་པོ་དེ་ཚོ་ག་རེ་རེད། དེ་ཚོ་གཡག་རེད།What are those big animals? Those are yak.
82ཁྱེད་རང་གི་ལུང་པ་གང་འདྲས་ཡོད་རེད།How is your country?
83འབྲོག་པའི་ས་ཁུལ་ལ་གུར་མ་གཏོགས་ཁང་པ་གཞན་དག་ཡོད་མ་རེད།In the area of the nomads, there are only tents and no other houses.
84ངའི་གྲོང་གསེབ་ལ་སེམས་ཅན་དཔེར་ན་བ་ཕྱུགས་དང་ལུག་དང་མཛོ་ལ་སོགས་པ་མང་པོ་ཡོད་རེད།In my village there are a lot of animals, for example, cows, sheeps, dzos, etc.
85བྱས་ན་ཁྱེད་རང་གི་གྲོང་ཁྱེར་དང་ངའི་ལུང་པ་གཅིག་པ་རེད་མི་འདུགSo then, your city and my native/birth place area are not the same.
86བསྟན་འཛིན་ལགས་དང་བློ་བཟང་ལགས་གཅིག་པ་གཅིག་རྐྱང་རེད།Tenzin la and Lobsang la are identical.
87ང་ལ་སྒོར་མོ་ཉི་ཤུ་མ་གཏོགས་མེད།I have only twenty [rupees].
88བོད་ལ་གཙང་པོ་ཆེན་པོ་ཡོད་རེད།There are big rivers in Tibet.
89ང་རྟ་ལ་དགའ་པོ་ཡོད།I like/love horses.
90ང་ཚོའི་འཛིན་ཁང་གི་ནང་ལ་ལུག་མི་འདུགThere are no sheep inside of our classroom.
91ངས་རྒན་ལགས་མཐོང་སོང་།I saw the Professor. (invol.)
92པར་འདི་ངས་བརྒྱབ་པ་ཡིན།I took this picture.
93བོད་ལ་དགོན་པ་རྩ་ཆེན་པོ་ཡོད་རེད།There are sacred/precious monasteries in Tibet.
94ང་ཚོའི་སློབ་གྲྭ་ཁུ་སིམ་པོ་འདུགOur school is quiet & peaceful.
95ཁྱེད་རང་བོད་སྐད་ཡག་པོ་རྒྱག་གི་འདུག ག་པར་ག་པར། ཁྱོན་ནས་ཤེས་ཀྱི་མེད།You speak Tibetan well! — No way! I do not know it at all.
96གླིང་གའི་ནང་ལ་སྐྱིད་པོ་འདུགIt’s fun insithe the park!
97ཁྱེད་རང་གི་པར་དེ་ཚོ་སྙིང་རྗེ་པོ་འདུགThose pictures of yours are beautiful.
98ང་ནག་པང་ལ་ལྟ་གི་ཡོད།I’m looking at the blackboard.
99ངའི་མིང་སྒྲོལ་མ་ཡིན།My name is Dolma.
100ངའི་ཕ་ཡུལ་སྟོད་མངའ་རི་ཡིན།My fatherland is Tö Ngari (West Tibet).
101ཁྱེད་རང་གི་རྒྱལ་ཁབ་ག་རེ་རེད།What is your nation?
102ཁྱེད་རང་གི་སྐྱེ་ས་ག་པར་རེད།Where were you born? What’s your birth place?
103འཛམ་གླིང་ལ་ཆོས་ལུགས་འདྲ་མི་འདྲ་ཡོད་རེད།There are various religious traditions in the world.
104ང་ནང་པ་ཡིན།I’m a Buddhist.
105ནང་ཆོས་སྦྱངས་ན་ཡག་པོ་འདུགIt is good if one learns [about] Buddhism.
106རྒྱ་གར་བ་མང་ཆེ་བ་ཆོས་ལུགས་ཧིན་དུ་རེད།Most Indians are of the religion of Hinduism.
107ཡུ་རོབ་ལ་མི་མང་ཆེ་བ་ཆོས་ལུགས་ཡི་ཤུ་རེད།Most people in Europe are of the Christian religion.
108ཁ་ཆེའི་ཆོས་ལུགས་ལ་ཉི་མ་རྟག་པར་ཐེངས་མ་ལྔ་སྨོན་ལམ་རྒྱག་གི་ཡོད་རེད།In Islamic tradition, they pray five times every day.
109སློབ་སྦྱོང་ལ་དོ་སྣང་སྤྲད་རོགས་གནང་།Please pay (lit. give) attention to (your) studies!
110འཛམ་གླིང་ལ་སེམས་ཅན་མང་པོ་ཡོད་རེད།There are lots of animals in the world.
111ང་ལ་རོགས་པ་མང་པོ་ཡོད།I have a lot of friends.
112ངའི་གྲོགས་པོའི་མིང་བསྟན་འཛིན་རེད།My friend’s name is Tenzin.
113ང་ལ་གྲོགས་མོ་མང་པོ་ཡོད།I have a lot of female friends.
114ཁོང་གི་ཆོས་གྲོགས་ཡག་པོ་འདུགHis/her Dharma friend is good, nice.
115ངའི་ལུང་པ་ལ་ནང་པའི་ཆོས་ཚོགས་ཁ་ཤས་ཡོད་རེད།In my country, there are a couple of Buddhist Dharma centres.
116ངའི་དགའ་རོགས་ཕྱི་རྒྱལ་ལ་ཡོད།I ‘have’ my boyfriend abroad. Or: My boyfriend is abroad.
117ངའི་ཕ་མ་ལྷོ་ཕྱོགས་ནས་རེད།My parents are from the South.
118ཁྱེད་རང་ལ་སྤུན་ཀྱག་མང་པོ་ཡོད་པས།Do you have a lot of relatives?
119མཚན་ཉིད་སློབ་གྲྭ་ལ་གྲྭ་པ་མང་པོ་འདུགThere are a lot of monks at IBD (Institute of Buddhist Dialectics).
120ཁྱེད་རང་ལ་ཕྲུ་གུ་བཞི་ཡོད་པས།Do you have four kids?
121ཁྱེད་རང་ཁམས་ལ་འགྲོ་མྱོང་ངས།Have you ever been to Kham?
122ཨ་མདོ་ལ་འབྲོག་པ་མང་པོ་ཡོད་རེད་པས།Are there a lot of nomads in Amdo?
123ཇོ་མོ་གླང་མ་དབུས་གཙང་ལ་ཡོད་རེད་པས།Is Mt. Everest in Ü-Tsang?
124ང་ཚོ་ད་ལྟ་རྒྱ་གར་ལ་ཡོད།We are in India at the moment.
125རྒྱ་ནག་གི་དར་ཆ་དམར་པོ་རེད།China’s flag is red.
126ཁྱེད་རང་བལ་ཡུལ་ལ་ཕེབས་མྱོང་ངས།Have you ever been to Nepal?
127ངའི་ལུང་པ་ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་གཅིག་རེད།My country is a small European country.
128ངའི་གྲོགས་མོ་རིན་ཆེན་ལགས་དབྱིན་ཡུལ་ལ་བསྡད་ཀྱི་ཡོད་རེད།My friend Rinchen la lives in England.
129ཨ་རི་རྒྱལ་ཁབ་ཆེན་པོ་གཅིག་རེད།The U.S. is a big nation.
130ལྷོ་ཨ་མེ་རི་ཀའི་ལུང་པ་མང་ཆེ་བ་ལ་ Spanish སྐད་རྒྱག་གི་ཡོད་རེད།In most South American countries, they speak Spanish language.
131ངའི་འཛིན་གྲྭ་གཅིག་པ་ཁ་ཤས་ཨེ་ཤེ་ཡའི་ལུང་པ་ནས་རེད།Some of my classmates are from Asian countries.
132ངའི་གྲོགས་པོ་གྲོགས་མོ་མང་ཆེ་བ་ཕྱི་རྒྱལ་ལ་ཡོད་རེད།Most of my friends are abroad.
133ང་ད་ལྟ་ཆང་ས་བརྒྱབས་མེད།I’m not married (by) now.
134དབང་མོ་ཟེར་བའི་བུ་མོ་དེ་ཡག་པོ་འདུགThat (person) who is called Wangmo, is nice.
135ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད།What are you called? (H and h)
136ཁ་སང་ག་པར་ཕེབས་པ་ཡིན།Where did you go yesterday? (H)
137ང་གྲོང་གསེབ་ཆུང་ཆུང་གཅིག་ལ་སྡོད་ཀྱི་ཡོད།I’m staying, living in a small village.
138རྒན་ལགས་ལྡི་ལི་ལ་བཞུགས་ཀྱི་འདུག(Our) dear teacher lives in Delhi.
139རྒན་ལགས་ཀྱིས་སློབ་སྦྱོང་ཡག་པོ་བྱེད་ཟེ་གསུངས་བྱུང་།(Our) dear teacher told us: “study well!” (H)
140ཁྱེད་རང་བོད་སྐད་ཡག་པོ་ཞེ་དྲག་སྐྱོན་གྱི་འདུགYou are speaking Tibetan language really well.
141ཁྱི་དེ་ཆུང་ཆུང་རེད་འདུགThat dog is small.
142སེམས་པ་བཟང་པོ་བྱས་ན་ཡག་པོ་ཡོད་རེད།It is good if one is kind hearted. (Lit. if one ‘does’ kind hearted).
143བུ་མོ་འདི་རིག་པ་སྤྱང་པོ་འདུགThis girl is clever, intelligent.
144ཁོང་ཚོ་ཉམ་ཆུང་རེད།They are humble.
145ངའི་ལུང་པ་ལ་མི་ཆེས་ཕྱུག་པོ་དང་ཆེས་སྐྱོ་པོ་གཉིས་ཀ་ཡོད་རེད།In my country, there are both, very rich and very poor people.
146ཁྱེད་རང་གི་ལུང་པ་ལ་མི་སྐྱོ་པོ་མང་པོ་ཡོད་རེད་པས།Are there a lot of poor people in your country?
147ངའི་ལུང་པ་ལ་མི་མང་ཆེ་བ་བྲེལ་བ་ཚ་པོ་ཞེ་དྲག་ཡོད་རེད།In my country, most people are very busy.
148ང་ཚོ་ཕྱི་རྒྱལ་ནས་རེད།(As you all know) we are from a foreign country.
149ཁྱེད་རང་ཚོ་ག་ནས་ཕེབས་པ་ཡིན།Where did you come from? (H)
150བུ་མོ་འདི་མཛེས་མ་འདུག །ཡིན་ནའི་སྤྱོད་པ་ཡག་པོ་མི་འདུགThis girl is pretty, but her behavior is not good.
151དེང་སང་ཆར་པ་མང་པོ་འབབ་ཀྱི་མི་འདུགThese days, it does not rain much.
152ང་ཚོ་མཉམ་དུ་བོད་ལ་འགྲོ།(Let’s) all go to Tibet together!
153སྔོན་མ་ང་བོད་སྐད་ཤེས་ཀྱི་མེད།In the past, I did not know Tibetan.
154ཁྱེད་རང་འདིར་བསླེབས་ནས་ཟླ་བ་ག་ཚོད་ཕྱིན་སོང་།How many months has it been since you arrived here?
155ཁྱེད་རང་གི་མཚན་ག་རེ་རེད།What is your name? (H)
156ཁྱེད་རང་ལ་ནང་མི་ག་ཚོད་ཡོད།How many family (members) do you have?
157ང་དོན་གྲུབ་ལགས་ཀྱི་ནང་ལ་ཡོང་གི་ཡིན།I’m coming to Dondrub la’s place.
158ངའི་གྲོགས་མོ་ནང་ལ་སླེབས་སོང་།My friend arrived home.
159ང་ལྷོ་ཕྱོགས་ལ་སྐྱེས་པ་རེད།I was born in the South.
160༸ གོང་ས་མཆོག་ཨ་མདོ་ལ་འཁྲུངས་པ་རེད།His Holiness the Dalai Lama was born in Amdo. (H)
161ཁྱེད་རང་ལོ་ག་ཚོད་ཡིན།How old are you?
162ཨ་ནི་དགོན་པ་ལ་ཨ་ནི་མང་པོ་འདུགThere are a lot of nuns in the nunnery.
163འཛིན་གྲྭ་ཡོད་རེད་ཟེ་ལབ་རོགས་གནང་།Please tell, say (to the others) ‘there is class.’!
164ང་གཟའ་མཇུག་ལ་གསུང་ཆོས་ལ་འགྲོ་གི་ཡིན།In the weekend I’ll go to a Dharma talk.
165ངའི་ལུང་པ་སྐྱིད་པོ་ཞེ་དྲགས་ཡོད་རེད།My land is very fun.
166སྲུ་མོ་ལགས། ཡར་ཕེབས། གསོལ་ཇ་གང་མཆོད།Dear auntie, please come in, have a cup of tea!
167མོས་བོད་པའི་ལུགས་སྲོལ་གྱི་སྐོར་ལ་ཡག་པོ་ཤེས་ཀྱི་ཡོད་རེད།She knows about the Tibetan tradition well.
168ང་བོད་ཇ་ལ་དགའ་པོ་ཞེ་དྲག་མེད།I don’t like Tibetan tea very much.
169གསོལ་ཇ་འདི་སྤྲོ་པོ་ཞེ་དྲག་བྱུང་མ་སོང་།This tea was not very nice. (H)
170ཇ་དམ་ནང་གི་ཇ་དེ་ཚ་པོ་མི་འདུགThe tea in the thermos is not hot.
171ང་ཇ་བཟོ་དགོས་ཡོད། ཁྱེད་རང་གི་སྡོང་མོ་དེ་ང་ལ་གཅིག་གཡར་རོགས་གནང་།I have to make tea. Please lend me your churn for a minute.
172བོད་ཇ་དེ་ཚྭ་ཁུ་རེད་བཞགThe Tibetan tea is salty.
173རྒྱ་གར་གྱི་ཇ་མངར་མོ་དེ་ཞིམ་པོ་འདུགThe Indian sweet tea is tasty.
174ངའི་གྲོགས་མོ་འཚིག་ཇ་མང་པོ་འཐུང་གི་ཡོད་རེད།My female friend drinks a lot of coffee.
175གཟབ་གཟབ་བྱས་ན་མ་གཏོགས་དཀར་ཡོལ་ཆག་ཡོང་།If you are not careful, the cup will break!
176འོ་མ་དེ་ཞི་མིས་འཐུངས་འདུགThe cat has drunk the milk.
177བོད་ལ་སྔོན་མ་ཚྭ་དཀོན་པོ་ཡོད་རེད།In the past, salt was rare in Tibet.
178འབྲི་མར་དེ་ཡག་ཤོས་རེད།The butter of the dri (female yak) is the best.
179ང་རྒྱ་མིའི་ཇ་ཐང་ལ་དགའ་པོ་ཡོད།I like Chinese black tea.
180ང་ཞོགས་ཀས་རྟག་པར་ཇ་བསྲུབས་མ་འཐུང་གི་ཡོད།I drink Tibetan tea every morning.
181བོད་པའི་བག་ལེབ་དེ་ཚོ་ཞིམ་པོ་འདུགThat Tibetan bread is tasty.
182བོད་པའི་ལོ་གསར་ལ་ཁ་ཟས་མང་པོ་བཟོ་དགོས་རེད།In the Tibetan New year, one has to make a lot of kabsey.
183ང་ཕྱུ་ར་སྐམ་པོ་ཟ་སྙིང་ཞེ་དྲག་འདོད་ཀྱི་འདུགI really want to eat some dry cheese.
184བོད་ཁྱིམ་སློབ་གྲྭ་ལ་ཨ་མ་ལགས་མང་པོ་ཡོད་རེད།In the TCV, there are a lot of mothers. (H)
185སྤོ་ལགས་ནང་ལ་མ་ཎི་བཏོན་བྱས་བསྡད་ཀྱི་ཡོད་རེད།(My) grandfather stays at home, reciting manis.
186ངའི་གཅུང་མོ་ཆུང་བ་དེ་ད་ལྟ་སློབ་གྲྭ་ལ་འགྲོ་གི་ཡོད་རེད།My younger sister, the small one, now goes to school.
187ངའི་གཅུང་པོ་མཐོ་རིམ་སློབ་གྲྭ་ལ་ཡོད་རེད།My younger brother is at university.
188ངའི་ཨ་ཅག་ལགས་དྲུང་ཡིག་རེད།My older sister is a secretary.
189ངའི་ཅོ་ཅོ་ང་ཚོའི་ལུང་པའི་དཔོན་པོ་རེད།My older brother is the chief of our village, area.
190ཁྱེད་རང་ལ་ཕ་མ་གཅིག་པའི་སྤུན་ཀྱག་ག་ཚོད་ཡོད།How many siblings do you have?
191ང་ཚོའི་ནང་ལ་མནའ་མ་གཉིས་ཡོད་རེད།We have two daughters-in-law in our household.
192ཁོའི་སྐྱེས་དམན་དབྱིན་ཇི་རེད།His wife is an outlander.
193ངའི་ཨ་ཅག་གི་ཁྱོ་ག་རྒྱ་གར་བ་རེད།My older sister’s husband is Indian.
194ངའི་ཨ་ནེ་ལགས་ཀྱི་བཟའ་ཟླ་དམག་མི་རེད།My aunt’s partner is a military man.
195ང་ལ་ཨ་ནི་གསུམ་ཡོད།I have three paternal aunts.
196ཨ་ཁུ་གཅིག་མ་གཏོགས་མེད།I have only one paternal uncle.
197ངའི་སྲུ་མོ་ལགས་ཁ་ལག་ཡག་པོ་ཞེ་དྲག་བཟོ་གི་ཡོད་རེད།My maternal aunt makes very tasty food.
198ཨ་ཞང་ལགས་ཉི་མ་རྟག་པར་མདོང་མོའི་ནང་ལ་བོད་ཇ་བཟོ་གི་ཡོད་རེད།My maternal uncle makes every day Tibetan tea in the churn.
199ང་སྐད་ཆ་མང་པོ་བཤད་ཡག་ལ་དགའ་པོ་མེད།I don’t like talking a lot.
200ངའི་པ་ལགས་ཁོང་གི་གྲོགས་པོ་མཉམ་དུ་བཀའ་མོལ་མང་པོ་གནང་གི་ཡོད་རེད།My father talks a lot with his friend. (H)
201ང་ཚོ་དགོང་དག་ཁ་ལག་ཆུ་ཚོད་བརྒྱད་པ་ལ་ཟ་གི་ཡོད།We eat dinner at 8 o’clock.
202གསོལ་ཇ་ཞུ་གི་མིན། ང་འགྲོ་རན་སོང་།I won’t have tea, it is time for me to leave.
203ང་ཉིན་ལྟར་འཚིག་ཇ་མང་པོ་འཐུང་གི་ཡོད།Every day, I drink a lot of coffee.
204ཁྱེད་གསོལ་ཇ་མཆོད་ཀྱི་ཡིན་པས།Do you drink some tea? (H)
205གསོལ་ཇ་མ་བླུག་རོགས། ང་གསོལ་ཇ་ཞུ་གི་མིན།Please, do not pour any tea! I won’t have any tea. (H)
206ངས་ལབ་པ་དེ་འགྲིག་གི་འདུག་གས།Is what I said o.k.?
207ཨ་ཅག་ཆོས་འཛོམས་ལགས་ཁ་ལག་ཞིམ་པོ་བཟོ་གི་འདུགAcha Chözom la makes delicious food.
208ངས་ཁྱེད་རང་གི་སྨྱུ་གུ་ཕར་སྤྲད་པ་ཡིན།I gave your pen back.
209ད་སེམས་ཁྲལ་བྱེད་དགོས་མ་རེད།So, there is no need to worry!
210རྩེད་མོ་ཞེ་དྲག་མ་བརྩེ་ཨ།Don’t joke around (so) much!
211སྐུ་མཁྱེན། ང་ལ་ཇ་གང་བླུག་རོགས་གནང་།Kunkien, please pour me a (cup of) tea. (lit. full of)
212འཐེན་ཐུག་ཞིམ་པོ་ཡོད་རེད།Handmade noodle soup (tentuk) is tasty.
213ང་ལོ་གཞོན་གཞོན་ཡིན་དུས་རྩེད་མོ་མང་པོ་བརྩེས་པ་ཡིན།When I was young, I played a lot.
214མོའི་ཁྱོ་ག་ལོ་ཆུང་ཆུང་རེད་བཞགHer husband is young.
215ངའི་སྤོ་ལགས་ལོ་ཆེན་པོ་རེད།My grandfather is old.
216ཁྱེད་རང་གི་པ་ལགས་དགུང་ལོ་ཆེན་པོ་རེད་པས།Is your father old?
217བོད་པ་ཚོ་དད་པ་ཆེན་པོ་ཡོད་རེད།Tibetans have great faith.
218བཀྲ་ཤིས་མི་ཆོབ་ཚ་པོ་ཞེ་པོ་གཅིག་ཡོད་རེད།Tashi is a funny guy.
219ང་དང་ཨ་ཅག་ལགས་གཉིས་འཆམ་པོ་ཞེ་དྲག་ཡོད་རེད།The two, my older sister and myself, are very close.
220ང་མི་ལེ་ལོ་ཚ་པོ་ཡོད།I am a lazy person.
221གསོལ་ཇ་ག་རེ་མཆོད་ག ག་རེ་བྱུང་ནའི་འགྲིག་གི་རེད།Which tea are you going to have? – I’m easy.
222ཁྱེད་རང་ད་དུང་གཉིད་སད་མེད་པས།Have you still not woken up?
223བོད་པ་མང་ཆེ་བ་ནང་པ་རེད།Most Tibetans are Buddhist.
224སྨྱུ་གུ་དེ་ཆག་ནས་གའི་ཡོད་མ་རེད།It does not matter if the pen breaks.
225ངའི་པ་ལགས་དེང་སང་ལྡི་ལི་ལ་བཞུགས་ཀྱི་ཡོད་རེད།My father lives in Delhi these days. (H)
226ངའི་རྨོ་ལགས་ཉི་མ་རྟག་པར་ཞབས་སྐོར་ལ་ཕེབས་ཀྱི་ཡོད་རེད།My grandmother goes every day to (do) kora. (H)
227ཁོང་གི་འོག་མ་སློབ་གྲྭ་ཐོན་ཚར་བ་རེད།His/her younger sibling has already graduated from school.
228རིན་པོ་ཆེ་ཞལ་ལག་བཞེས་ཀྱི་འདུག་གས།Is Rinpoche eating food? (H)
229ཁོང་དངོས་གནས་དད་པ་ཆེན་པོ་ཞེ་དྲག་ཡོད་རེད།S/he’s really extremely devoted.
230ཁྱེད་རང་ཡིན་གཅིག་མིན་གཅིག་ངའི་ཆང་ས་ལ་ཕེབས་དགོས་རེད།You absolutely have to come to my wedding!!!
231ང་གཟའ་མཇུག་ལ་སྐྱིད་པོ་བྱུང་།I had fun in the weekend.
232གཟའ་ཉི་མ་ལ་དཔེ་སྐྱིད་པོ་བྱུང་།I had a lot of fun on Sunday.
233སང་ཉིན་གུང་སེང་རེད་པས།Is tomorrow a free day? (Reply: ག་པར་ག་པར། Are you kidding me?!)
234ང་ཚོ་གནས་མཇལ་ལ་འགྲོ་གི་ཡིན།We will go on a pilgrimage.
235གསུང་ཆོས་ཡག་པོ་ཉན་རོགས་གནང་།Please, listen well (to) the Dharma talk/religious teaching!
236་་་ལ་ཟློས་གར་ཁང་ཡོད་རེད།There is a theatre in…
237གཅན་གཟན་ཁང་ལ་སེམས་ཅན་འདྲ་མི་འདྲ་ཡོད་རེད།There are different animals at the zoo.
238ང་གཉིས་མི་མཉམ་དུ་གློག་བརྙན་ཁང་ལ་ཕྱིན་པ་ཡིན།The two of us went to the movies with [some other] folks.
239ང་ཚོ་འགྲེམས་སྟོན་ཁང་ལ་ཕྱིན་མེད།We did not go to the museum.
240ཁྱེད་རང་ཐུགས་སྤྲོ་ལ་དགའ་པོ་ཡོད་པས།Do you like parties?
241ངའི་སྐྱེ་སྐར་ཐུགས་སྤྲོ་ལ་ཕེབས་རོགས་གནང་།Please come (all) to my birthday party!
242ཁ་སང་གྲོགས་མོ་མཉམ་དུ་ཟ་ཁང་ལ་ཤ་མེད་མོག་མོག་ཞིམ་པོ་བཟས་པ་ཡིན།Yesterday I ate tasty veg. momos at the restaurant with a friend.
243ཨ་རག་ལ་རིགས་འདྲ་མི་འདྲ་མང་པོ་ཡོད་རེད།There are a lot of different kinds of alcohol.
244དུས་ཚོད་སྟོང་པ་ལ་ལྷོད་ལྷོད་བྱེད་དགོས་རེད།One has to relax in (one’s) free time!
245ཁ་སང་ངའི་འཛིན་གྲྭ་གཅིག་པ་མཉམ་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཕྱིན་པ་ཡིན།Yesterday I went sightseeing with my classmates.
246མཚམས་མཚམས་རི་འཛེག་གི་ཡོད།Sometimes I go hiking.
247སྒྲོལ་མ་ལགས་ཞབས་བྲོ་འཁྲབ་ཡག་ལ་དཔེ་དགའ་པོ་ཡོད་རེད།Dolma la loves dancing.
248ང་གཞས་གཏོང་ཡག་ལ་དཔེ་དགའ་པོ་ཡོད།I really like singing (songs).
249ངའི་འཛིན་གྲྭ་གཅིག་པ་ལ་རོགས་པ་བྱེད་རོགས་གནང་།Please help my classmates!
250ང་ཐ་མག་འཐེན་གྱི་མེད།I do not smoke.
251ཁ་སང་དོན་གྲུབ་ལགས་ར་བཟི་སོང་།Yesterday, Dondrub la got drunk.
252གཟའ་མཇུག་ལ་ཁྱེད་རང་གླིང་ག་བཏང་པ་ཡིན་པས།Did you have a picnic over the weekend?
253ཆོས་ཤེས་ན་ཉམས་ལེན་ཡག་པོ་བྱེད་དགོས་རེད།If one knows the Dharma, one has to practice well.
254དགོན་པ་ལ་འགྲོ་དུས་ཕྱག་གསུམ་འཚལ་པ་ཡིན།When I went to the monastery, I did three prostrations.
255རྒན་ལགས་ཆོབ་མང་པོ་སློང་གི་འདུག(Our) teacher makes a lot of jokes.
256ཆོབ་མང་པོ་བསླངས་ན་གད་མོ་ཤོར་གྱི་རེད།If one makes a lot of jokes, one will laugh.
257ནང་ལ་ལྷོད་ལྷོད་བྱས་ནས་བཞུགས་རོགས་གནང་།Please stay in a relaxed way at home!
258ང་བརྙན་འཕྲིན་ལྟ་ཡག་ལ་དགའ་པོ་མེད།I do not like watching T.V.
259ངའི་གྲོགས་མོ་ལྟད་མོ་ལྟ་ཡག་ལ་དགའ་པོ་ཡོད་རེད།My friend likes to watch movies.
260ང་དྲྭ་རྒྱ་སྔོག་ཡག་ལ་དགའ་པོ་ཞེ་དྲག་མེད།I do not enjoy (like) surfing the internet much.
261གཟའ་སྤེན་པ་ལ་ངའི་ཨ་མ་ལགས་ཀྱིས་ཁྲོམ་ནས་ཉོ་ཆ་བརྒྱབ་སོང་།On Saturday, my dear mother did shopping at the market.
262གཟའ་ཉི་མ་ལ་ཁྱེད་རང་གི་རོགས་པ་ཐུག་གར་ཕྱིན་པ་ཡིན་པས།Did you go and see your friend on Sunday?
263གུང་སེང་སྐབས་ལ་དུས་ཚོད་འཕྲོ་བརླག་བཏང་མེད།I did not waste (my) time during the holiday.
264ཁ་སང་གསུང་ཆོས་ལ་ཕྱིན་མེད། གང་ཡིན་ཟེར་ན་དུས་ཚོད་རག་མ་སོང་།Yesterday, I did not go to the dharma talk because I did not find the time.
265ཁ་སང་ཁྱེད་རང་གཉིས་ག་རེ་གནང་པ་ཡིན།What did the two of you do yesterday? (H)
266སྔོན་མ་ངའི་ལུང་པ་ལ་ཕ་མ་མཉམ་དུ་བསྡད་པ་ཡིན།In the past, in my country, I lived with my parents.
267ཁྱེད་རང་བདུན་ཕྲག་སྔོན་མར་ཟློས་གར་ཁང་ལ་ཕེབས་མེད་པས།Did you not go to the theatre last week?
268ང་བོད་ལ་ཐེངས་གཅིག་འགྲོ་མྱོང་།I have been to Tibet one time.
269དེ་རིང་ང་ཚོའི་འཛིན་གྲྭ་ཕྱི་ལོགས་ལ་ཚོགས་པ་ཡིན།Today we had (our) class outside.
270གློག་བརྙན་འདི་ལྟད་མོ་ཆེན་པོ་འདུགThis movie is pleasant to watch.
271གཟའ་སྤེན་པ་ལ་ཐུགས་སྤྲོ་ལ་སྐྱིད་པོ་ཞེ་དྲག་བྱུང་སོང་།It was great fun at the party on Saturday.
272ངལ་གསོ་ཡག་པོ་རྒྱག་རོགས་གནང་།Please take a good rest!
273དེ་རིང་ཞོགས་གས་འཁྱམ་འཁྱམ་ལ་ཕྱིན་མེད།This morning, I did not go for a walk.
274ང་ནང་ལས་བྱས་ནས་ནང་ལ་བསྡད་པ་ཡིན།I stayed home doing housework.
275བསྟན་འཛིན་ལགས་ཀྱིས་གཙང་པོའི་ནང་ལ་རྐྱལ་བརྒྱབ་སོང་།Tenzin la swam in the river.
276ཁ་སང་ཐུགས་སྤྲོ་ལ་ཕྱི་པོ་ཆགས་སོང་།Yesterday, at the party it got late.
277ཁ་སང་གསུང་ཆོས་བློ་ལ་མགུས་པོ་ཞེ་དྲག་བྱུང་། གང་ཡིན་ཟེར་ན་ངའི་དཔེ་ཆ་དགའ་ཤོས་ཁྲིད་གནང་སོང་།Yesterday, the Dharma talk was really interesting (to me) because (s/he) taught my favourite pecha.
278དེ་རིང་གནམ་གཤིས་ཡག་པོ་འདུགThe weather is nice today.
279འདི་ལ་ཁོར་ཡུག་གཙང་མ་འདུགThe environment is clean here.
280ནམ་དུས་བཞི་ཡོད་རེད།There are four seasons.
281དུས་བཞི་ནི་དགུན་ཁ་དང་། དཔྱིད་ཀ དབྱར་ཀ སྟོན་ཀ་རེད།The four seasons are winter, spring, summer and fall.
282དབྱར་ཀ་ཆར་པ་འབབ་ཀྱི་རེད།It rains in the summer.
283སྟོན་ཀ་ལོ་མ་ཟག་གི་རེད།In fall, the leaves fall (from the trees).
284དགུན་ཁ་གྲང་མོ་ཡོད་རེད།It is cold in the winter.
285དཔྱིད་ཀ་སྤང་ཐང་ལ་མེ་ཏོག་ཤར་གྱི་རེད།Flowers blossom in the summer on the meadow.
286ཤར་ནས་ཉི་མ་ཤར་གྱི་རེད།From the east, the sun rises.
287རྒྱ་གར་ལྷོ་ཕྱོགས་ལ་ཚ་བ་ཚ་པོ་ཡོད་རེད།It is very hot, great heat in South India. (lit. heat hot)
288ཉི་མ་ནུབ་ལ་ནུབ་ཀྱི་རེད།The sun sets in the west.
289བོད་རྒྱ་གར་གྱི་བྱང་ལ་ཡོད་རེད།Tibet is north of India.
290ཞོགས་གས་སྔ་པོ་ལངས་ཀྱི་ཡོད།(I) get up early in the morning.
291ཉིན་གུང་རྒྱབ་ལ་རྨོ་རྨོ་ལགས་ངལ་གསོ་རྒྱག་གི་ཡོད་རེད།In the afternoon (my) grandmother takes rest.
292དགོང་མོ་ཟླ་བ་ཤར་གྱི་རེད།In the evening the moon rises.
293ནམ་མཁའ་ལ་སྤྲིན་པ་མང་པོ་འཁྲིགས་འདུགThere are a lot of clouds in the sky.
294དེང་སང་ཚ་གྲང་ཡག་པོ་འདུགThese days the temperature is good.
295དབྱར་ཀ་ཚ་བ་ཆེན་པོ་འདུགThere is great heat in the summer.
296དཔྱིད་ཀ་དྲོད་ཏོག་ཙམ་སླེབས་ཀྱི་རེད།In spring, a little warmth comes.
297ལྷགས་པ་ཆེན་པོ་རྒྱག་གི་འདུགIt is very windy.
298སྟོན་ཀ་ལོ་མ་ཚང་མ་སེར་པོ་དང་དམར་པོ་ཆགས་ཀྱི་རེད།In autumn, all the leaves become yellow and red.
299ཁྱེད་རང་ཆར་དུས་ལ་ཉོབ་ཀྱི་འདུག་གས།Do you dislike the rainy season?
300ང་ས་ཆ་མང་པོ་ལ་འགྲོ་ཡག་ལ་དགའ་པོ་ཡོད།I like to go to many places.
301གྲོང་ཁྱེར་ལ་མཁའ་རླུང་གཙང་མ་ཡོད་མ་རེད།In the city, the air is not clean.
302བོད་ལ་གངས་མང་པོ་འབབ་ཀྱི་རེད།It snows a lot in Tibet.
303ཆར་པ་མང་པོ་བབས་ན་ཡག་པོ་འདུག་གས།Is it good if it rains a lot?
304སེར་ར་བཏང་ན་སྟོན་ཐོག་ཡག་པོ་ཡོད་མ་རེད།If it hails, there is no good harvest.
305རླུང་པོ་བརྒྱབ་ནས་ཤིང་སྡོང་ཆག་སོང་།Because the wind blew, the tree fell. (lit. broke)
306སྨུག་པ་མང་པོ་འཐིབ་འདུགIt is very foggy.
307ཁྱེད་རང་ཚ་བ་འཚིག་གི་མི་འདུག་གས།Aren’t you feeling hot?
308ཁྱེད་རང་གྲང་གི་མི་འདུག་གས།Aren’t you feeling cold?
309ཁྱེད་རང་གནམ་གཤིས་གྲང་མོ་ལ་ཉོབ་ཀྱི་མི་འདུག་གYou do not get upset about cold weather, do you?
310དུག་སློག་མང་པོ་གྱོན་དགོས་རེད།One has to put lots of clothes.
311འབྲུག་སྐད་བརྒྱབ་ན་ང་ཞེད་ཀྱི་འདུགWhen it thunders, I’m afraid.
312ནམ་མཁའ་ལ་གློག་འཁྱུག་གི་རེད།There is a lightning in the sky.
313ལོ་ཁ་ཤས་ཀྱི་སྔོན་ལ་བལ་ཡུལ་ལ་ས་ཡོམ་ཆེན་པོ་བརྒྱབ་པ་རེད།Some years ago, there was a big earthquake in Nepal.
314དརྨཤཱལཱ་ལ་ཚ་གྲང་སྙོམས་པོ་ཡོད་རེད།In Dharamśala, the temperature is balanced.
315ཆུ་ཚ་པོ་མང་པོ་འཐུངས་ན་ཡག་པོ་ཡོད་རེད།It is good if one drinks a lot of hot water.
316དགུན་ཁ་གནམ་གཤིས་གྲང་མོ་ཡོད་རེད།In the winter, the weather is cold.
317བསིལ་པོ་ཡོད་ན་སྐྱིད་པོ་འདུགWhen it is fresh, it is pleasant.
318གནམ་གཤིས་སྡུག་ཅག་ཡོད་ན་འཁྱམ་འཁྱམ་ལ་འགྲོ་གི་མེད།If the weather is bad, I do not go for walks.
319སྤང་ཐང་ལྗང་ཐིང་ཐིང་ཡོད་རེད།The meadow is bright green.
320ལྡི་ལི་ལ་ཚ་བ་ཆེན་པོ་ཡོད་རེད།It is terribly hot in Delhi.
321ཨ་མ་མ། ཆར་པ་གང་འདྲས་ཤུགས་ཆེན་པོ་རྒྱག་གི་འདུགOh my dear! How hard it is raining!
322ད་ལྟ་ཉི་མ་ཡག་པོ་སྟོན་གྱི་འདུགNow, the sun is shining nicely.
323ངའི་ལུང་པ་ལ་སྤྱིར་བཏང་སྟོན་ཀ་སྨུག་པ་མང་པོ་འཁོར་གྱི་ཡོད་རེད།Generally, in fall in my country, it is often foggy.
324ནམ་རྒྱུན་ཞོགས་ཀས་ཆུ་ཚོད་དྲུག་པ་ལ་ཡར་ལངས་ཀྱི་ཡོད།Usually, I get up at six in the morning.
325ང་ཉི་མ་རྟག་པར་སྐོར་ར་རྒྱག་གི་ཡོད།I encircle (do kora) every day.
326ང་ལོ་ལྟར་ངའི་ལུང་པ་ལ་ལོག་གི་ཡོད།I return to my country every year.
327དཔྱིད་ཀ་མེ་ཏོག་འདྲ་མི་འདྲ་མང་པོ་ཤར་གྱི་ཡོད་རེད།In spring a lot of different types of flowers blossom.
328དེ་རིང་ཚ་བ་ཆེན་པོ་འདུག བྱས་ཙང་ང་ཚོ་ཚང་མ་རྐྱལ་རྒྱག་གར་འགྲོ་གི་ཡིན།Today it is very hot. Therefore we all go swimming.
329ཁྱེད་རང་གི་ཁ་ལག་དགའ་ཤོས་ག་རེ་རེད།What is your favorite food?
330ངའི་ལུང་པ་ལ་བོད་ནང་བཞིན་གངས་མང་པོ་འབབ་ཀྱི་ཡོད་མ་རེད།In my country, it does not snow as much as in Tibet.
331ང་ཡང་ཁྱེད་རང་ཚོ་མཉམ་དུ་གླིང་ག་བཏང་གར་འགྲོ་གི་ཡིན།I am also going to have a picnic with you.
332མི་མང་ཆེ་བ་མེ་ཏོག་ལ་དགའ་པོ་ཞེ་དྲག་ཡོད་རེད།Most people like flowers a lot.
333མཚན་མོ་གཉིད་ཉལ་གྱི་ཡོད།(I) sleep at night.
334ལོ་མ་ཚོས་གཞི་འདྲ་མི་འདྲ་ཡོད་རེད། བྱས་ཙང་སྙིང་རྗེ་པོ་ཞེ་དྲག་མཐོང་གི་ཡོད་རེད།The leaves are various colors. Therefore, they appear very beautiful.
335ང་ཞེ་དྲག་འཁྱག་གི་འདུགI’m really freezing.
336ཞོགས་གས་ཉི་མ་ཤར་གྱི་རེད།The sun rises in the morning.
337དགོང་དག་ཉི་མ་ནུབ་ཀྱི་རེད།The sun sets in the evening.
338ས་རུབ་ན་མཐོང་གི་མ་རེད།If it gets dark, one does not see.
339ཁོར་ཡུག་སྲུང་སྐྱོབ་བྱེད་ཡག་དེ་གལ་ཆེན་པོ་ཞེ་དྲག་ཡོད་རེད།It is very important to protect the environment.
340ནམ་མཁའ་ལ་སྤྲིན་པ་མང་པོ་འཁྲིགས་འདུགIt is very cloudy.
341རྒྱ་གར་དང་ངའི་ལུང་པའི་གནམ་གཤིས་རྦད་དེ་ཁག་ཁག་རེད།India’s and my country’s weather are totally different.
342དེ་དུས་གནམ་གཤིས་སྐྱིད་པོ་ཞེ་དྲག་ཡོད་རེད།That time, the weather is extremely nice.
343གཟའ་མཇུག་སྐྱིད་པོ་བྱུང་སོང་།The weekend was fun.
344ང་བོད་པའི་ཁ་ལག་ལ་དགའ་པོ་ཡོད།I like Tibetan food.
345ཞལ་ལག་མཉེས་པོ་མཆོད་རོགས་གནང་།Enjoy your food! (H)
346དེ་རིང་གསོལ་ཚིགས་ཡག་པོ་འདུགToday’s food is nice. (H)
347ང་གཟའ་མཇུག་ལ་ཇ་ཁང་ལ་འགྲོ་གི་ཡོད།I (habitually) go to the tea shop on the weekends.
348ང་ཆང་ཁང་ལ་འགྲོ་གི་མེད།I do not go to the bar.
349ངའི་ཁ་ལག་དགའ་ཤོས་རྩམ་པ་རེད།Tsampa is my favorite food.
350བོད་པ་མང་ཆེ་བ་འཐེན་ཐུག་ལ་དགའ་པོ་ཡོད་རེད།Most Tibetans like handmade noodle soup.
351རྩམ་ཐུག་ནང་ལ་རྩམ་པ་དང་ཕྱུ་ར་ཡོད་རེད།There is tsampa and dry cheese inside the tsampa soup.
352བཞེས་ཐུག་ལ་རིགས་མང་པོ་ཡོད་རེད།There are a lot of (different) types of soups. (H)
353མོག་ཐུག་ནང་ལ་མོག་མོག་ཆུང་ཆུང་མང་པོ་ཡོད་རེད།There are a lot of small momos in the momos in soup.
354ང་ཤ་མོའི་ཐང་གཅིག་འཐུང་གི་ཡིན།I’ll have a mushroom soup.
355ཁྱེད་རང་བཞེས་མོག་མཆོད་གས།Are you going to eat momos (H)?
356ཤ་མང་པོ་བཟས་ན་ཡག་པོ་ཡོད་མ་རེད།If one eats (a lot) of meat, it is not good.
357ངའི་གྲོགས་མོ་ང་གཉིས་ཤ་མེད་ཡིན།My friend and I are both vegetarians.
358རྒྱ་གར་གྱི་ཁ་ལག་ཡག་ཤོས་འབྲས་དང་ལྡ་ལི་རེད།The best Indian food is rice and lentils.
359ཤ་བག་ལེབ་ཟེར་བའི་བོད་གཞས་གཅིག་ཡོད་རེད།There is a Tibetan song called Shapaley.
360སི་པན་མང་པོ་བླུགས་ན་ཁ་ལག་ཁ་ཚ་པོ་ཡོང་གི་རེད།If one puts a lot of chili, the food will become spicy.
361ཚལ་མང་པོ་ཟ་དགོས་རེད།One must/should eat a lot of vegetables.
362ཁྱེད་རང་གྲང་ཚལ་མང་པོ་ཟ་གི་ཡོད་པས།Do you eat of a lot of salad?
363ང་ཙོང་ལ་ཞེ་དྲག་དགའ་པོ་མེད།I do not like onions very much.
364ཁ་ས་དགོང་དག་ཤ་མོའི་ཐང་ཞིམ་པོ་གཅིག་འཐུངས་པ་ཡིན།Last night, I had a nice mushroom soup.
365ང་ཤ་དང་སྒོ་ང་གཉིས་ཀ་ཟ་གི་མེད།I do not eat either meat nor eggs.
366འབྲས་བརྔོས་མ་ནང་ལ་སྣུམ་མང་དྲགས་བཞགThere is too much oil in the fried rice.
367ཤིང་ཏོག་ཁུ་བ་མང་པོ་འཐུང་དགོས་རེད།One must/should drink a lot of fruit juice.
368ཞོག་ཁོག་ཁ་ཚ་པོའི་བྲོ་བ་གང་འདྲས་འདུགHow is the taste of the spicy potatoes?
369ཟ་ཁང་འདིའི་སྦྱིན་བདག་སུ་རེད།Who is the owner of this restaurant?
370ཟ་ཁང་འདི་ལ་ཞབས་ཞུ་བ་གསུམ་ལས་ཀ་བྱེད་ཀྱི་ཡོད་རེད།There are three waiters working in this restaurant.
371ངས་ཞབས་ཞུ་མ་གཅིག་སྐད་གཏང་དགོས།I’ll call the waitress (for you).
372ངའི་གྲོད་ཁོག་ཆུང་ཆུང་རེད།My stomach is tiny (small).
373ཟ་ཁང་ལ་མ་བྱན་ཁ་ཤས་ཡོད་རེད།There are a couple of cooks at the restaurant.
374ཐབ་ཚང་ནང་ལ་ཁ་ལག་བཟོ་གི་ཡོད་རེད།Food is made in the kitchen. Or: (Somebody) makes food in the kitchen.
375ཅ་ལག་ཉོ་དུས་སྒོར་མོ་མང་པོ་དགོས་ཀྱི་རེད།When buying stuff, one needs a lot of money.
376ཐ་པག་གི་ནང་ལ་ཁ་ལག་ཟ་གི་ཡོད་རེད།(Somebody) eats food from (lit. in) the plate.
377གྲི་རྣོ་པོ་འདུགThe knife is sharp.
378རྐང་ཊ་ཡིས་ཁ་ལག་ཟ་གི་རེད།Food is eaten with a fork.
379འཐེན་ཐུག་ཐུར་མས་འཐུང་གི་ཡོད།I drink the thenthuk with a spoon.
380རྒྱ་མིས་ཁོ་ཙེས་ཁ་ལག་ཟ་གི་རེད།Chinese people eat with chopsticks.
381ང་ཚོ་ཁ་ལག་ཟ་ཡག་ལ་སྐད་བཏང་བྱུང་།They invited us for food.
382གྲོད་ཁོག་ལྟོགས་ན་ཁ་ལག་མང་པོ་མངག་དགོས་རེད།If one is hungry, one needs to order a lot of food.
383རྒན་ལགས་ཞལ་ལག་མཆོད་ཀྱི་འདུགThe respected teacher eats food. (H)
384ང་བོད་ཇ་མང་པོ་འཐུང་གི་ཡོད།I drink a lot of Tibetan tea.
385རྩིས་པ་འདིས་རྩིས་ཡག་པོ་རྒྱག་གི་ཡོད་རེད།This accountant calculates well.
386ཐུག་པ་ནང་ལ་ཚྭ་མང་དྲགས་བཞགThere is too much salt in the soup / noodles.
387ཨུ་ཚུགས་མང་པོ་མ་བརྒྱབ།Don’t insist (so) much!
388དང་པོ་ཊོ་མ་ཊོ་དེ་ཚོ་ཡག་པོ་འཁྲུད་དགོས་རེད།First one has to wash the tomatoes well.
389ཞོག་ཁོག་དེ་ཚོ་པགས་པ་བཤུ་དགོས་རེད།One needs to peel the potatoes.
390དེ་ནས་ངས་ཞོག་ཁོག་དེ་ཚོ་ལ་ཤད་བརྒྱབ་པ་ཡིན།Then, I grated the potatoes.
391ཚལ་ཡག་པོ་བརྔོས་ན་ཞིམ་པོ་ཡོང་གི་རེད།If one fries the vegetables well, it will be tasty.
392དེ་ནས་མེ་ཆུང་ཆུང་གཏང་དགོས་རེད།Then, one has to put a small fire on.
393ངས་ཆུ་དང་གྲོ་ཞིབ་དཀྲུག་དཀྲུག་ཡག་པོ་བཏང་པ་ཡིན།I stirred the water and the flour well.
394ཨོ། ངའི་བག་ལེབ་འཚིག་བཞགOh, my bread got burned!
395ཐེངས་མ་ཁ་ཤས་ཨ་སློག་རྒྱག་དགོས་རེད།One has to turn (it) a couple of times.
396ཙོང་དེ་ལེབ་ལེབ་གཏུབ་ཀྱི་ཡིན།I’ll cut the onion into slices.
397ཉི་མ་ཚ་པོ་ཡོད་དུས་མར་ལམ་སང་བཞུ་འགྲོ་གི་ཡོད་རེད།When the sun is hot, the butter immediately melts.
398དགུན་ཁ་ལ་འཐེན་ཐུག་མང་པོ་སྐོལ་གྱི་ཡོད།I make (lit. boil) a lot of thenthuk in the winter.
399ང་གྲོད་ཁོག་ལྟོགས་ཀྱི་འདུགI am hungry, I feel hungry.
400ལས་ཀ་འདི་སྟབས་བདེ་པོ་འདུག །ཁག་པོ་མི་འདུགThis work is easy; it is not hard.
401ང་ཚོའི་འཛིན་ཁང་གཙང་མ་འདུགOur classroom is clean.
402ངས་བྱས་ན་ཁ་ལག་ཚྭ་ཁུ་ཞིམ་པོ་ཡོད་མ་རེད།In my opinion, salty food is not tasty.
403མི་ཁ་ཤས་ཁ་ཚ་པོ་ལ་དགའ་པོ་ཡོད་རེད།Some people like spicy (food).
404ཁ་ལག་སོས་པ་ཟ་དགོས་རེད།One must/should eat fresh food.
405སྔོན་ལ་ཟས་ཐོ་ལ་གཅིག་བལྟ་གི་ཡིན་པས།First will you take a look at the menu?
406ང་ཚོ་འཐེན་ཐུག་གཅིག་དང་ཤ་མེད་མོག་མོག་སྡེར་མ་གཉིས་མངགས་ན་འགྲིག་གི་རེད་པས།Is it o.k. if we order a thenthuk and two plates of veg momos?
407མོག་མོག་ལྷག་མ་དེ་ཚོ་ང་ནང་ལ་འཁྱེར་འགྲོ་གི་ཡིན།I’ll take the leftover momos home.
408ཚོགས་ཐེངས་འདི་དང་པོ་རེད།This session/period is the first.
409ད་ལྟ་ཆུ་ཚོད་བཅུ་གཉིས་ཏག་ཏག་རེད།Now it is exactly 12 o’clock.
410མཚམས་མཚམས་ལ་ཆང་ཏོག་ཙམ་འཐུང་གི་ཡོད།Sometimes I drink a little bit of chang.
411རྗེས་ལ་མཇལ་ཡོང་།(Hopefully) I’ll see you later! (H)
412ཁྱོན་བསྡོམས་སྒོར་མོ་ག་ཚོད་རེད།How much money is it in total?
413མོག་མོག་ལ་ཤ་མོག་མོག་དང་ཤ་མེད་མོག་མོག་གཉིས་ཡོད་རེད།As for momos, there are both meat and vegetarian ones.
414རྒྱ་གར་ལ་ཞོག་ཁོག་མང་པོ་འདུགThere are lots of potatoes in India.
415སྒོག་པ་དེ་འཕྲོད་བསྟེན་ལ་ཕན་གྱི་རེད་ཟ།S/He says that garlic is good for health.
416བོད་པའི་ལོ་གསར་ལ་ཆང་ཏོག་ཙམ་འཐུང་པ་ཡིན་པས།Did you have a bit of chang in the Tibetan New Year?
417ཁྱེད་རང་ཆབ་མཆོད་ག །ཡང་ན་གསོལ་ཇ་མཆོད་གAre you going to have water or tea? (H)
418མི་ཁ་ཤས་ཕོར་པའི་ནང་ལ་ཡང་ཁ་ལག་ཟ་གི་ཡོད་རེད།Some people eat food from (in) a bowl.
419དང་པོ་ཧ་ཡང་ནང་ལ་སྣུམ་ཚ་པོ་བཟོ་དགོས་རེད།First one needs to heat up the oil in the pan.
420སྔོན་ལ་ང་གཉིས་ཚལ་ཐོ་ལ་གཅིག་ལྟ་གས།Shall we two first take a look at the menu?
421མ་བྱན་འདིས་ཁ་ལག་འདྲ་མི་འདྲ་བཟོ་གི་ཡོད་རེད།This cook prepares/makes various kinds of food.
422ཨོ། འབྲས་འདི་ཡག་པོ་ཚོས་མི་འདུགOh, this rice is not cooked well.
423ཁ་ལག་བཟས་ན་གྲོད་ཁོག་བརྒྱགས་ཀྱི་རེད།If one eats food, one will feel full.
424ང་ལ་གྲོགས་མོ་གསར་པ་གཅིག་རག་སོང་།I got a new friend.
425ང་ཚོས་བོད་སྐད་མགྱོགས་པོ་ཤེས་སོང་།We knew (learnt) Tibetan quickly, fast.
426ཟ་ཁང་དེ་ལ་ཁ་ལག་ཤ་མེད་རྐྱང་རྐྱང་རེད།In that restaurant, the food is all vegetarian.
427ཁྱེད་རང་སི་པན་ལ་དགའ་པོ་ཡོད་པས། ཡོད་དང་ཡོད།Do you like chili? – Of course!
428དེང་སང་ཅ་ལག་དེ་ཚོ་ཡག་པོ་ཞེ་དྲག་མི་འདུགThese days, the things are not so good.
429དརྨཤཱལཱ་ལ་ཅ་ལག་གོང་ཆེན་པོ་རེད།Things in Dharamśala are expensive.
430ང་ཁ་ས་ཚོང་ཁང་ཆེན་པོ་གཅིག་ལ་ཉོ་ཆ་རྒྱག་གར་ཕྱིན་པ་ཡིན།Yesterday, I went to a big store to do shopping.
431ཚོང་པ་ཁ་ཤས་ལ་ཁེ་བཟང་ཞེ་དྲག་ཡོད་རེད།Some businessmen have a lot of profit.
432ཚོང་དཔོན་ལགས། ང་ལ་སོ་འཁྲུད་གཅིག་དང་སོ་སྨན་གཅིག་བཙོང་རོགས་གནང་།Shopkeeper, please give (lit. sell) me a toothbrush and toothpaste.
433ཁྱེད་རང་ཁྲོམ་ལ་འགྲོ་དུས་ང་ལ་ཀུ་ཤུ་ཀི་ལོ་གཅིག་ཉོས་ཤོག་ཨ།Buy me a kilo of apples when you go to the market!
434མི་སུ་ཡིན་ནའི་ཁེ་བཟང་མེད་པར་ཚོང་བརྒྱབ་གི་མ་རེད།Nobody makes business without profit. (lit. whoever the person is)
435ཅ་ལག་ཉོ་དུས་གཟབ་གཟབ་མ་བྱས་ན་གྱོང་རགས་གི་རེད་ད།When buying things, if you are not careful, you will get a loss.
436དགོངས་དག །དངུལ་སིལ་མ་མི་འདུགI’m sorry, I do not have small money.
437ཁྱེད་རང་གིས་གནང་བའི་དངུལ་དེས་ངས་དངུལ་ཏིང་ཉོས་པ་ཡིན།I bought silver offering bowls with the money you have/had given me.
438གསེར་དཀོན་པོ་རེད།Gold is rare.
439ང་ལ་གྲོ་ཞིབ་ཀི་ལོ་གཉིས་དང་ཕྱེད་ཀ་གནང་རོགས་གནང་།Please give me two kilograms and a half of flour.
440སློང་མཁན་དེ་ཚོ་ལ་ལྟོ་ཡག་པོ་གཅིག་ཟ་ཡག་ཡོད་མ་རེད།The beggar does not have good food to eat.
441མོག་མོག་བཟོ་དུས་གྲོ་ཞིབ་ཡིན་གཅིག་མིན་གཅིག་དགོས་རེད།When making momos, flour is indispensable. (Lit. one really needs flour)
442ཞོའི་ནང་ལ་བྱེ་མ་ཀ་ར་ཏོག་ཙམ་གཅིག་བླུགས་རོགས་གནང་།Please put some sugar in the yogurt.
443པུ་གུ་ཆུང་ཆུང་བྱི་རིལ་ལ་དགའ་པོ་ཡོད་རེད།Small kids love sweets.
444ངའི་གྲོགས་པོ་གཅིག་གིས་ང་ལ་ལག་རྟགས་སྙིང་རྗེ་པོ་གཅིག་སྤྲད་བྱུང་།A friend of mine gave me a nice gift.
445མ་ངུ་ཨ། ངས་ཁྱོད་ལ་རྔན་པ་གཅིག་སྤྲད་དགོས་ལོ།Don’t cry! I’ll give you a little treat, o.k.?!
446ཁྱེད་རང་གི་ལྟོ་ཕད་ནང་ག་རེ་བླུགས་ཡོད།What have you put into your bag?
447ཤེལ་དམ་མར་ཟག་ན་ལམ་སང་ཆག་གི་རེད།If the glass bottle falls down, it immediately breaks.
448དེང་སང་ཀུ་ཤུ་ཀི་ལོ་གཅིག་ལ་སྒོར་མོ་བརྒྱད་ཅུ་རེད།These days a kilo of apples is 80 [Rs].
449ཁམ་བུ་དེ་ཚོ་མངར་མོ་ཞེ་པོ་གཅིག་འདུགThese peaches are very sweet.
450ཚ་ལུ་མ་དེ་ཚོ་སྐྱུར་མོ་འདུག་གས། མི་འདུག་མི་འདུག །མངར་མོ་འདུགAre those oranges sour? – No, no! They are sweet.
451ཁྱེད་རང་ལ་ཤིང་ཏོག་སྐམ་པོ་སྟར་ཁ་དེ་འདྲས་ཡོད་པས།Do you have dry fruits, such as walnuts?
452སྟར་ཁ་དེ་ཚོ་བཅུད་ཆེན་པོ་ཞེ་དྲག་ཡོད་རེད།Walnuts are extremely nutritious.
453ང་ལ་ཤ་རྫུན་མ་ཀི་ལོ་ཕྱེད་ཀ་གནང་རོགས་གནང་།Please give me half a kilogram of soya chunks!
454ང་ཁ་ལག་གི་དྲི་མ་ཁ་དུས་གྲོད་ཁོག་ལྟོགས་ཀྱི་འདུགWhen I smell the smell of food, I get hungry. (Lit. am hungry)
455སྤོས་འདི་ག་ནས་ཉོས་ཡིན། དྲི་མ་ཞིམ་པོ་ཞེ་དྲག་འདུགWhere did you buy this incense? (Its) smell is very good.
456དེབ་ལྟ་དུས་མིག་ཤེལ་གོན་དགོས་རེད།When reading books, one has to wear glasses.
457ཕྲེང་བ་འདི་ལ་སྒོར་མོ་ག་ཚོད་རེད།How much is this prayer beads?
458གོས་ཐུང་ལྗང་ཁུ་དེ་ང་ལ་གཅིག་སྟོན་རོགས་གནང་།Please show me those green pants for a second!
459ཚོང་ཁང་འདི་ལ་སྟོད་ཐུང་དང་ཕྱུ་པ་དང་ཞྭ་མོ་ལ་སོགས་པའི་དུག་སློག་འདྲ་མི་འདྲ་ཡོད་རེད།In this shop, there are various clothes, such as shirts and Tibetan style dresses, hats, etc.
460ཨོ། ཞྭ་མོ་འདི་ཁྱེད་རང་ལ་ལེན་པོ་ཞེ་དྲག་འདུགOh! This hat really suits you!
461དང་པོ་ང་ཚོ་ཉོ་ཆ་བརྒྱབ། དེ་ནས་ཁ་ལག་བཟོ་དགོས།First, I will do shopping, then I will make food.
462ཁྱེད་རང་གི་སྦག་སྦག་དེ་ང་ལ་བཙོང་གི་ཡིན་པས།Will you sell me your motorbike?
463ངས་ཉིན་མ་རྟག་པར་ཆུ་མངར་མོ་ཤེལ་དམ་རེ་རེ་ཉོ་གི་ཡོད།Every day, I buy a bottle of cold drinks. (Lit. sweet water).
464ཨ་ཅག་ལགས། བཞེས་བག་གཟིགས་དང་། བཞེས་བག་འདི་ཚོ་མངར་མོ་དང་སོབ་སོབ་ཡིན།Dear sister, buy the bread; this bread is sweet and soft. (H)
465སྟར་ཁ་ཞིམ་པོ་མི་འདུག་ན་ཚུར་བསློགས་ན་འགྲིག་གི་རེད།If the walnuts are not tasty, it is fine if you bring them back.
466མོ་ཊའི་སྣུམ་གོང་སྤར་གི་རེད་ཟེར་གི་འདུགIt is said that (somebody) will increase the petrol price.
467དེ་རིང་ཚོང་ཁང་སྒོ་ཕྱེ་གི་རེད།The shop will open today.
468སྒོ་ཡག་པོ་བརྒྱབ་ན་མ་གཏོགས་རྐུན་མ་ཡོང་གི་རེད།Unless you close the door well, thieves will come.
469མོག་མོག་འདི་ཞིམ་ལོད་ག་འདྲས་འདུག་གཅིག་ལྟོས་དང་།Taste what this momo is like!
470ཁ་ཟས་འདི་ཚོ་ཞིམ་ལོད་གཅིག་གཟིགས་དང་། གཅིག་གཉིས་མཆོད་དང་།Taste these khabsey; have one or two! (H)
471ཁོང་ཁ་སང་ཐོག་ཁ་ནས་མར་ཟག་པ་རེད།(S)he fell from the roof / terrace yesterday.
472ཁྱེད་རང་གི་ཡིག་ཚད་འདི་སློབ་ཕྲུག་གཞན་དག་ལ་མ་སྟོན་ཨ།Do not show this exam of yours to the other students!
473དཔེ་ཆ་ག་ས་ག་ལ་མ་གཞག་རོགས་གནང་།Do not put the pechas everywhere!
474རྒན་ལགས་ཀྱིས་ང་ལ་བྱི་རིལ་ཞིམ་པོ་གཅིག་གནང་བྱུང་།(Our) dear teacher gave me a nice toffee.
475ངའི་འོ་མ་རུལ་སོང་།My milk went rotten.
476ཁྱེད་རང་ལ་ཞོ་བཙོང་ཡག་ཡོད་པས། དགོངས་དག །ད་ལྟ་རང་རྫོགས་སོང་།Do you have yogurt to sell? I’m sorry, I just ran out of it.
477ཚྭ་གོང་ཁེ་བོ་ཞེ་དྲག་རེད།Salt is very cheap.
478ཉི་ཧོང་ནས་ཐོན་པའི་ཅ་ལག་མང་ཆེ་བ་སྤུས་དག་པོ་ཡོད་རེད།Most stuff coming from Japan is of excellent quality.
479ངའི་བསམ་པ་ལ་ངང་ལག་འདི་ཚོ་ཚོས་མི་འདུག །ལྗང་ཁུ་རང་རེད།In my opinion, these bananas are not ripe, they are grass green!
480རྒྱ་གར་བས་ཇ་མངར་མོ་ཞེ་པོ་གཅིག་བཟོ་གི་རེད།Indians make tea very sweet.
481ཆང་དེ་སྐྱུར་མོ་རེད་བཞགThis chang is sour.
482པི་ཛ་དེ་དངོས་གནས་བྲོ་བ་ཆེན་པོ་འདུགThis pizza is really tasty.
483སང་ཉིན་གུང་སེང་རེད། ཡག་ག་ལ།How cool! Tomorrow is a holiday!
484ཁ་ཟས་དེ་ཚོ་ང་རང་གིས་ཉི་མ་རྟག་པར་སོས་པ་སོས་རྐྱང་བཟོ་གི་ཡོད།Daily, I make those Tibetan cookies. So, they’re extremely fresh.
485ཕྱུ་པ་འདི་ཁྱེད་རང་ལ་དངོས་གནས་ལེན་པོ་ཞེ་དྲག་འདུགThis Tibetan dress suits you really very well!
486གཞན་དག་ག་རེ་ག་རེ་དགོས།What else do you need / want?
487དེ་འདྲས་ཡིན་དུས་ང་ལ་ཀི་ལོ་ཕྱེད་ཀ་གཅིག་པུ་གནང་རོགས་གནང་།Since this is the case, please just give me half a kilo!
488ངའི་བསམ་པ་ལ་འདི་གོང་ཏོག་ཙམ་ཆེ་དྲགས་འདུགIn my opinion, this is a little bit too expensive.
489ཏོག་ཙམ་བསྒུག་རོགས་གནང་།Please wait a moment. (lit. a bit)
490ད་དུང་ང་ལ་ཤིང་ཏོག་སྐམ་པོ་དང་ཆུ་མངར་མོ་དགོས་ཀྱི་ཡོད།I still need dry fruits and soft drinks.
491ཁྱེད་རང་ངང་ལག་ལ་དགའ་པོ་ཡོད་པས།Do you like bananas?
492ངའི་ཅོ་ཅོ་ལྡི་ལི་ལ་ཚོང་རྒྱག་གི་ཡོད་རེད།My older brother does business in Delhi.
493ཁྱེད་རང་གི་ཕྲེང་བ་འདི་ཡག་པོ་འདུག །ཡིན་ནའི་གོང་ཏོག་ཙམ་ཆེ་དྲགས་བཞགThis prayer beads of you, is good, but it is a bit too expensive.
494དེ་ཞག་ཚལ་གོང་འཕར་བཞགRecently, the vegetable prices went up.
495ཚོང་པ་ཁ་ཤས་ཅ་ལག་གི་གོང་ཁྱོན་ནས་གཅོག་གི་མི་འདུགSome businessmen do not give any discount at all.
496འབྲས་གོང་ཆག་ཡོད་རེད། ཡིན་ནའི་གྲོ་ཞིབ་གོང་འཕར་ཡོད་རེད།Rice got cheaper, but flour got more expensive.
497ཚོང་པ་ཁ་ཤས་ཀྱིས་མགོ་སྐོར་གཏོང་གི་ཡོད་རེད།Some businessmen cheat.
498མགྲོན་ཁང་མང་ཆེ་བ་གོང་ཆེན་པོ་རེད།Most hotels are expensive.
499ཨ་མ་མ། ཐང་ག་འདི་གོང་ཆེ་བ་ལ། ད་ཉོ་ཐུབ་ས་མ་རེད།Oh my dear! How expensive is this thanka! So, I’ll probably not be able to buy it.
500ཁྱེད་རང་ཀི་ལོ་གསུམ་ཉོས་ན་ངས་ཀི་ལོ་རེ་རེར་སྒོར་མོ་བརྒྱ་དང་ཉི་ཤུ་ལ་གཏང་དགོས།If you buy three kilos, I’ll give you each kilo for 120 rupees.
501ཤ་བག་ལེབ་དེ་ཚོ་མ་བཟས་ན་འཕྲོ་བརླག་འགྲོ་གི་རེད།If you don’t eat this meat bread, it will go to waste.
502ཁྱེད་རང་ལ་དུས་ཚོད་སྟོང་པ་ཡོད་པས།Do you have free time?
503བོད་སྐད་ཀྱི་བརྡ་སྤྲོད་ལ་དུས་ད་ལྟ་བ་དང་། དུས་མ་འོངས་པ་དང་། དུས་འདས་པ་བཅས་དུས་གསུམ་ཡོད་རེད།In Tibetan grammar, there are three times: Present tense, future tense and past tense.
504འདས་པའི་ལོ་ཁ་ཤས་ནང་ལ་ངས་སློབ་སྦྱོང་ཧུར་ཐག་བྱས་པ་ཡིན།In the past few years, I studied diligently.
505ད་ལྟ་ཆུ་ཚོད་ག་ཚོད་རེད།What is the time now?
506ད་ལྟ་ཆུ་ཚོད་དང་པོ་ཟིན་པ་ལ་སྐར་མ་ལྔ་འདུགIt is five to one.
507སྐར་ཆ་དྲུག་ཅུ་ལ་སྐར་མ་གཅིག་རེད།60 seconds are one minute.
508ཆུ་ཚོད་ཕྱེད་ཀའི་རིང་ལ་སྨོན་ལམ་བརྒྱབ་རོགས་གནང་།Please do prayers for (lit. during) half an hour!
509ང་ལ་བོད་པའི་ལོ་ཐོ་གཅིག་ཡོད། དེའི་ནང་ལ་ཚེས་བཟང་དུས་བཟང་ཚང་མ་བྲིས་ཡོད་རེད།I have a Tibetan calendar. All the auspicious days are written in it.
510གཟའ་ལྷག་པ་སྐུ་མདུན་གྱི་བླ་གཟའ་རེད།Wednesday is the soul day of His Holiness.
511ང་ཉིན་མ་རྟག་པར་ལས་ཀ་ལ་འགྲོ་དགོས་རེད།I have to go to work every day.
512ང་ལྡི་ལི་ལ་ཞག་པོ་གཅིག་མ་གཏོགས་བསྡད་མེད།I only stayed one day and night in Delhi.
513གཟའ་ཟླ་བ་རྗེས་མ་ལ་འཆར་གཞི་ཡོད་པས།Do you have plans for next Monday?
514ང་གཟའ་མིག་དམར་རྟག་པར་ཆོས་ཚོགས་ལ་སྒོམ་རྒྱག་གར་འགྲོ་གི་ཡོད།I go to meditate at the Dharma center every Tuesday.
515བོད་པ་ཁ་ཤས་གཟའ་ལྷག་པ་ལ་ཤ་མེད་ཁ་ལག་རྐྱང་རྐྱང་ཟ་གི་ཡོད་རེད།Some Tibetans eat only vegetarian food on Wednesdays.
516ཁྱེད་རང་གཟའ་ཕུར་བུ་སྔོན་མར་གློག་བརྙན་ཁང་ལ་ལྟད་མོ་ལྟ་གར་ཕེབས་མེད་པས།Did you not go and see the movie at the cinema last Thursday?
517ང་ཚོ་གཟའ་པ་སངས་དགོང་དག་ཆུ་ཚོད་དྲུག་པ་ལ་འཐོན་ཡག་ཡིན།We will depart on Friday night at 6 p.m.
518དེ་རིང་ཁྱེད་རང་ནང་ལ་བསྡད་གི་ཡིན་པས།Will you stay home today?
519སང་ཉིན་ངའི་སྐྱེ་སྐར་རེད།Tomorrow is my birthday.
520གནངས་ཉིན་ང་ཚོ་གུང་སེང་རེད།The day after tomorrow, we have a holiday.
521གཞེས་ཉིན་ཀ་ང་ཉེན་རྟོག་ལས་ཁུངས་ལ་འགྲོ་གི་ཡིན།After three days, I’ll go to the police office.
522ཁ་སིང་ཁྱེད་རང་བལ་ཡུལ་ལ་ཕྱིན་པ་རེད་པ།You went to Nepal the other day, right?
523ཉེ་ཆར་ང་ཚོ་མཚོ་པདྨ་ལ་ཕྱིན་པ་ཡིན།Recently, we went to Tso Pema.
524ཉིན་མཚན་གསུམ་གྱི་རིང་ལ་ངས་ཁ་ལག་ཡག་པོ་བཟས་མེད།Three days and nights I haven’t eaten well.
525ངས་ཉིན་ལྟར་སློབ་སྦྱོང་བྱེད་ཀྱི་ཡོད།I study every day.
526ཁ་ས་ཉི་མ་ཉིན་གང་ཆར་པ་བཏང་སོང་། བྱས་ཙང་ཕྱི་ལོགས་ལ་ཕྱིན་མེད།Yesterday, it rained all day long, so I did not go outside.
527བདུན་ཕྲག་གཅིག་གི་རྗེས་ལ་ང་ཚོ་ལ་ཡིག་ཚད་ཡོད་རེད།One week later we’ll have our exam.
528ལོ་གསར་རན་པ་ལ་ཟླ་བ་གཉིས་ཡོད་རེད།There are two months until New Year. (lit. until it is time for losar)
529ད་ལྟ་བོད་ཟླ་ག་ཚོད་རེད།What Tibetan month is now?
530སྤྱི་ཟླ་གཉིས་པའི་ཚེས་པ་གསུམ་ལ་ངའི་སྐྱེ་སྐར་རེད།My birthday is one the 3rd of February (2nd. Gregorian month).
531གཅིག་བྱས་ན། སྤྱི་ཟླ་དང་པོའི་ནང་གངས་གཏང་གི་རེད།Maybe in January it will snow.
532སྤྱི་ཟླ་གཉིས་པ་ལ་༧རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ཡོད་རེད།In February, there is a teaching by His Holiness.
533དེ་རིང་ཚེས་པ་ག་རེ་རེད། དེ་རིང་ཚེས་པ་ག་ཚོད་རེད།What date is today?
534ང་ཚེས་བཟང་དུས་བཟང་ལ་སྐོར་ར་ལ་འགྲོ་གི་ཡོད།On the auspicious days, I go to (do) kora.
535ང་ཚོ་དུས་རབས་ཉི་རྩ་གཅིག་པའི་ནང་པ་བྱེད་དགོས་རེད།We have to be (lit. do) 21st century Buddhist!
536རྒྱུ་ནོར་དེ་ཚོ་མི་རབས་མང་པོའི་རིང་ལ་བསགས་པ་རེད།This wealth has been accumulated in many generations. (lit. during)
537ང་ལོ་ལྟར་རེ་བཞིན་ནང་ལ་གུང་སེང་འགྲོ་གི་ཡོད།I go home for my holidays every single year.
538ཁྱེད་རང་གི་ལོ་རྟགས་ག་རེ་རེད།What is your astrological sign?
539ཁྱེད་རང་སྤྱི་སྤྱོད་རླངས་འཁོར་ལ་ལྡི་ལི་བར་དུ་འགྲོ་ཡག་ཡིན་པས།Are you going to Delhi by bus?
540ང་མེ་འཁོར་ནང་ལ་འགྲོ་ཡག་ལ་དགའ་པོ་ཡོད།I like to go by train.
541གནམ་གྲུ་ལ་འགྲོ་ན་ཁོར་ཡུག་ལ་གནོད་ཀྱི་རེད།If one goes by plane, it is harmful for the environment.
542ཁྱེད་རང་གི་གུང་སེང་ག་དུས་འགོ་ཚུགས་ཀྱི་རེད།When will your holidays start?
543ནམ་རྒྱུན་སྤྱི་སྤྱོད་རླངས་འཁོར་ཞོགས་གས་ཆུ་ཚོད་ལྔ་དང་ཕྱེད་ཀ་ལ་འབྱོར་གྱི་རེད།Usually, the bus reaches at 5.30 in the morning.
544ནམ་རྒྱུན་ཁྱེད་རང་ཞོགས་གས་ཆུ་ཚོད་ག་ཚོད་ལ་ཡར་ལངས་གི་ཡོད།What time do you usually get up in the morning?
545པུ་གུ་ཆུང་ཆུང་དེ་ཚོ་དགོང་དག་ཆུ་ཚོད་བརྒྱད་པ་ལ་ཉལ་དགོས་རེད།The small kids have to sleep at 8 p.m.
546ད་ལྟ་ཆུ་ཚོད་བཅུ་པ་ཟིན་པ་ལ་སྐར་མ་བདུན་འདུགNow it is seven to ten.
547ཁྱེད་རང་ཞེ་དྲག་འགོར་སོང་། ག་རེ་བྱེད་གིན་བསྡད་པ་ཡིན།You took very long. What were you doing?
548ན་ནིང་བོད་པའི་ལོ་གསར་དང་ངའི་སྐྱེས་སྐར་དུས་མཉམ་དུ་འཁེལ་སོང་།Last year, the Tibetan New Year and my birthday happened to be on the same date.
549གུང་སེང་སྐབས་ལ་ག་པར་འགྲོ་ཡག་ཡིན་མིན་གཏན་འཁེལ་མ་སོང་།It has not been decided (yet) where I’ll be going in my holidays.
550ཁྱེད་རང་རྡ་བཤོད་ལ་འགྲོ་དགོས་འདུག་མི་འདུག་ལྟ་གིན་ལྟ་གིན་བྱེད།Decide as you go whether you need to go to Dharamsala or not!
551དང་པོ་ང་ཚོ་འཆར་གཞི་ཡག་པོ་གཅིག་བཟོ་དོ།First, let us make a good plan!
552ང་ཉིན་གུང་གི་ཁ་ལག་གྲ་སྒྲིག་བྱེད་གི་ཡོད།I am preparing lunch.
553ཉིན་གུང་ཁ་ལག་ཆུ་ཚོད་ག་ཚོད་ལ་གཏང་གི་རེད།What time do they serve lunch?
554ལོ་སྔོན་མར་དབྱར་ཀའི་སྐབས་ལ་ང་ཚོ་ཚང་མ་གླིང་ག་གཏང་གར་ཕྱིན་པ་ཡིན།Last year, in the summer we all went on a picnic.
555གཟའ་མཇུག་རྗེས་མར་ཁྱེད་རང་ག་རེ་བྱེད་ཡག་གི་འཆར་གཞི་ཡོད།What are you planning to do next weekend?
556ང་ད་ལྟ་ལམ་སང་འགྲོ་གི་ཡིན།I am now immediately going.
557དེ་རིང་གཙུག་ལག་ཁང་ལ་མི་བརྒྱ་ཙམ་འདུགToday, there were about 100 people at the temple.
558ལོ་གསུམ་གི་སྔོན་ནས་ད་ལྟ་བར་དུ་ནང་ཆོས་སྦྱངས་པ་ཡིན།From three years ago until now, I studied Buddhism.
559ད་རེས་ཀྱི་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་སྐྱིད་པོ་ཞེ་དྲག་བྱུང་སོང་།This time, the birthday celebration of His Holiness was very nice.
560མ་འོངས་པ་ལ་ང་དགེ་རྒན་བྱེད་ཀྱི་ཡིན།In the future, I will become (lit. do) a teacher.
561ཁྱེད་རང་གི་ཁ་པར་ཨང་གྲངས་ང་ལ་གཅིག་སྤྲད་རོགས་གནང་།Please give me your phone number!
562ཁ་ས་འཛིན་གྲྭ་ལ་རྒན་ལགས་རྗེས་ལུས་ཐེབས་སོང་།Yesterday, our dear teacher got late for class.
563ཁེ་སང་ང་འཛིན་གྲྭ་ལ་སླེབས་མེད། ཡིན་ནའི་དེ་རིང་ཡོང་པ་ཡིན།Yesterday, I did not come to class. But I came today.

Proudly powered by WordPress